中文
སེར་ཤུལ་རྫོང་སེར་ཤུལ་གྲོང་རྡལ་གྱི་སྒྲོག་འགྲེལ་ཚན་ཆུང་མང་ཚོགས་ཀྱི་ཁྲོད་དུ་བསྐྱོད་པ།
2017-05-19  

                དབྱར་རྩྭ་དགོན་འབུ་རྐོ་བའི་དུས་སྐབས་སུ། དམངས་ཚོགས་སྒྲོག་འགྲེལ་ལས་དོན་ལེགས་པོར་བསྒྲུབ་བ་དང་། ཏང་གི་ལམ་ཕྱོགས་དང་ཆབ་སྲིད། འཕྲོད་བསྟེན་ཤེས་བྱ་སོགས་ནན་ཏན་སྒོས་ཁྱབ་བསྒྲགས་བྱེད་པ། འབུ་རྐོ་ལས་དོན་ཁྲིམས་མཐུན་ཚད་ལྡན་ཡོང་བ། གོ་རིམ་ལྡན་པའི་དབྱར་རྩྭ་དགུན་འབུ་རྐོ་བའི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་པ། ཚན་རིག་དང་མཐུན་པའི་སྒོས་ནས་དོ་དམ་བྱེད་པ་དང་མང་ཚོགས་ཀྱི་ཡོང་འབར་འཕར་བ། སྤྱི་ཚོགས་བདེ་འཇགས་བཅས་ཡོང་ཆེད། ཉེ་ཆར། སེར་ཤུལ་རྫོང་སེར་ཤུལ་གྲོང་རྡལ་གྱི་ཏང་ཨུ་དང་མི་དམངས་སྲིད་གཞུང་གིས་བགྲོ་གླེང་བྱས་ནས་ཐོབ་པའི་འབྲས་བུ་དེ་དངོས་སུ་ལས་དོན་གྱི་ཁྲོད་དུ་སྤྱད་དེ། གྲོང་རྡལ་དེ་གའི་ལས་བྱེད་པ་དང་བཅའ་སྡོད་ཀྲུའུ་ཅི་དང་པོ། མངགས་གཏོང་ཁང་གི་དམག་མི་དང་འཕྲོད་བསྟེན་ཁང་གི་སྨན་པ་བཅས་ཀྱིས་གྲུབ་པའི་སྒྲོག་འགྲེལ་ཚན་ཆུང་མང་ཚོགས་ཀྱིས་དབྱར་རྩྭ་དགུན་འབུ་རྐོ་བའི་ཁྲོད་ཕྱིན་ཏེ། སྒྲོག་འགྲེལ་ལས་དོན་དང་ཡིག་རྨོངས་སེལ་པའི་མཚན་མོའི་སློབ་གྲྭ། གཞི་རིམ་དུ་ཕྱིན་ནས་དྲོད་སྐྱིད་སྦྱིན་པ་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ།
ཐེངས་འདིའི་བྱེད་སྒོའི་ཁྲོད། སྒྲོག་འགྲེལ་ཚན་ཆུང་གིས་རྒྱ་བོད་སྐད་གཉིས་ཀྱིས་སྒྲོག་འགྲེལ་བྱས་པ་དང་སློབ་གསོ་གློག་བརྙན་གཏོང་བ་སོགས་ཐབས་ལམ་བརྒྱུད་ནས་ཞིང་འབྲོག་མང་ཚོགས་ལ་གཞི་རིམ་ཏང་འཛུགས་དང་གནད་སྨིན་དབུལ་སྐྱོད། ཐུམ་འབུ་ནད་ཀྱི་སྔོན་འགོག་ཐབས་ལམ། བདེ་འཇགས་ཐོན་སྐྱེད་སོགས་ཀྱི་ཤེས་བྱ་ཁྱབ་བསྒྲགས་བྱས་པར་མ་ཟད། གཞི་རིམ་དུ་བསྐྱོད་དེ་དྲོད་སྐྱིད་སྦྱིན་པ་ཞེས་པའི་བྱེད་སྒོ་ཁྲོད་དབུལ་ཕོངས་མང་ཚོགས་ལ་སྨན་བཅོས་ཞབས་ཞུ་བསྒྲུབས་པ་དང་འབྲས་དང་སྣུམ་སོགས་འཚོ་བའི་སྤྱོད་ཆས་སྤྲད། དེ་མིན་གནད་སྨིན་དབུལ་སྐྱོད་དང་ཐུམ་འབུ་ནད་སྔོན་འགོག ཁྲིམས་ལུགས་ཁྲིམས་སྲོལ་སོགས་ཀྱི་ཡིག་ཆ་1000ལྷག་འགྲེམ་སྤེལ་བྱས།